商人赞歌 作词 : 民歌 作曲 : 民歌 ཚོང་དཔོན་ཡར་སྟོད། ཚིག གདངས། དམངས་གཞས། གཞས་མ། གླུ་མོ་མཚོ། ཚོང་དཔོན་ཡག་ལ་ངས་མ་ཡག་མ་རེད་དེས། ཚོང་དཔོན་ཡག་ལ། ནོར་བུ་ལ་བཟང་པོ་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག དབུ་ཞྭ་ཡག་ལ་ངས་མ་ཡག་མ་རེད་དེས། དབུ་ཞྭ་ཡག་ལ་ཚེ་རིང་གི་དཀྱིལ་འཁོར་རེད། རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག ཚེ་རིང་གི་དཀྱིལ་འཁོར་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག ལུས་གོས་ཡག་ལ་ངས་མ་ཡག་མ་རེད་དེས། ལུས་གོས་ཡག་ལ། ཚ་རུ་ལ་དཀར་འཇམ་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག ཀེ་རག་ཡག་ལ་ངས་མ་ཡག་མ་རེད་དེས། ཀེ་རག་ཡག་ལ་སྐོར་རྒྱ་གི་ལེབ་ཆེན་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག སྐོར་རྒྱ་གི་ལེབ་ཆེན་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག ལྷམ་ཆུང་ཡག་ལ་ངས་མ་ཡག་མ་རེད་དེས། ལྷམ་ཆུང་ཡག་ལ་འབུར་ལེན་གྱི་མཇའ་མཚོན་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག ལྷམ་སྒྲོག་ཡག་ལ་ངས་མ་ཡག་མ་རེད་དེས་ཧམ་སྒྲོག་ཡག་ལ། གབ་རྩེ་ལ་དགུ་སྐོར་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག གབ་རྩེ་ལ་དགུ་སྐོར་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག གབ་རྩེ་ལ་དགུ་སྐོར་རེད་རྩེ་མོ་རྒྱབ་དར་ཧྲོག་སེ་ཉིག་ལ་ཧྲོག