吉祥锅庄 作词 : 民间 作曲 : 民间 བཀྲ་ཤིས་སྐོར་བྲོ། ཚིག་གདངས། དམངས་གཞས། ལེན་མཁན། གནམ་མཚོའི་འབྲོག་པའི་ཚན་སྡེབ། ཕེབས་ཤོག ཕེབས་ཤོག་ཟེར་ན། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དེ་ཕེབས་ཤོག་ཟེར། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དེ་ཕེབས་ཤོག་ཟེར། འཛམ་གླིང་ས་ཆུ་དྲོད་ནས། དཔྱིད་དཔལ་མེ་ཏོག་བཞད་དུ་ཕེབས་ཤོག་ཟེར། དཔྱིད་དཔལ་མེ་ཏོག་བཞད་དུ་ཕེབས་ཤོག ཕེབས་ཤོག ཕེབས་ཤོག་ཟེར་ན། ཆར་སྤྲིན་མཇལ་འོད་ཅན་འདི་ལ་ཕེབས་ཤོག་ཟེར། ཆར་སྤྲིན་མཇལ་འོད་ཅན་འདི་ལ་ཕེབས་ཤོག སྦྲང་ཆར་ཟིལ་མའི་དངོས་གྲུབ། ནོར་འཛིན་གཏེར་ཁ་རྒྱས་དུ་ཕེབས་ཤོག་ཟེར། ནོར་འཛིན་གཏེར་ཁ་རྒྱས་དུ་ཕེབས་ཤོག ཕེབས་ཤོག ཕེབས་ཤོག་ཟེར་ན། གངས་ཅན་བུ་དང་བུ་མོ་ཕེབས་ཤོག་ཟེར། གངས་ཅན་བུ་དང་བུ་མོ་ཕེབས་ཤོག སྐྱིད་པའི་རྩེ་ར་འདི་ན། མཉམ་འཛོམས་གླུ་བྲོ་རྡུང་ལ་ཕེབས་ཤོག་ཟེར། མཉམ་འཛོམས་གླུ་བྲོ་རྡུང་ལ་ཕེབས་ཤོག འབྲོག་གླུ་འབྲོག་གཞས་དགའ་ན་བྱང་ཕྱོགས་འབྲོག་སྡེ་ཡུལ་ཕེབས་ཤོག བྱང་ཕྱོགས་འབྲོག་སྡེ་ཡུལ་ཕེབས་ཤོག འབྲོག་གླུ་འབྲོག་གཞས་དེ་ཚོ་བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན་རེད། བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན། འབྲོག་གླུ་འབྲོག་གཞས་དེ་ཚོ་བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན་རེད། བྱང་ཕྱོགས་འབྲོག་སྡེ་ཡུལ་གྱི་སྲོལ་རྒྱུན། ཕུ་ཡེ་ན་གངས་སྟོད་མཐོ་པོ་རྡ་ཟེ། གངས་དཀར་པོའི་རྩེ་མོ་སང་སེ་སང་། སང་སེ་སང་། གངས་དེ་ལ་འཁོར་བའི་སེང་ཆུང་དེ་ཟེ། མགོ་གཡུ་རས་བཀྲ་ཤིས་རྟགས་བརྒྱད་རེད་ཟེ། རྟགས་བརྒྱད་རེད། བར་འདི་ན་རྫ་སྟོད་མཐོ་པོ་རྡ་ཟེ། རྫ་རག་དཀར་ཨ་ལོང་མེ་ལོང་རེད་ཟེ། མེ་ལོང་རེད། རྫ་དེ་ལ་འཁོར་འབྲོག་ཆུང་དེ་ཟེ། མགོ་རུ་ཐོར་རྒྱལ་སྲིད་སྣ་བདུན་རེད་ཟེ། སྣ་བདུན་རེད། མདའ་ཨི་ན་བྲོ་སྟོད་མཐོ་པོ་རྡ་ཟེ། བྲོ་ཁ་གཞས་བསྟན་པ་དར་ས་རེད་ཟེ། དར་ས་རེད། ངག་ཁུ་བྱུག་འདྲ་བའི་གླུ་བ་ཚོ། གླུ་སྙན་པོ་ཕྱོགས་ལས་རྣམ་རྒྱལ་རེད་ཟེ། རྣམ་རྒྱལ་རེད། ཁ་ལ་གླུ་སྦྲང་ཆར་འབབ་འབབ་རེད། གཞས་ཞབས་བྲོ་ཐང་དཀར་ལྡིང་ལྡིང་རེད། ལྡིང་ལྡིང་རེད། འདི་བྱང་ཐང་འབྲོག་པའི་རྒྱན་ཆ་རེད། དེ་ནམ་ཡང་བརྟན་པའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག ཁ་ལ་གླུ་སྦྲང་ཆར་འབབ་འབབ་རེད། གཞས་ཞབས་བྲོ་ཐང་དཀར་ལྡིང་ལྡིང་རེད། ལྡིང་ལྡིང་རེད། ལྡིང་ལྡིང་རེད། འདི་བྱང་ཐང་འབྲོག་པའི་རྒྱན་ཆ་རེད། དེ་ནམས་ཡང་བརྟན་པའི་བཀྲ་ཤིས་ཤོག