迎酒欢歌 作曲 : 才仁巴桑 ༄༄།། བསུ་ཆང་འབུལ་གཞས།། ཚིག་: ཆོས་སྐྱིད་ཉི་མ། དབྱངས་: ཅང་པ་ཚེ་རིང་དཔའ་བསམ། ལེན་མཁན་: ཅང་པ་ཚེ་རིང་དཔའ་བསམ། དབྱངས་ཅན་ལྷ་འཛེན། སྐུ་བསོན་ནམས་རི་རྒྱལ་ལྷུན་པོ་ལ། སྟགས་སྙན་གྲགས་ཉི་མའི་གཟི་མདངས་ཅན། ལྷོ་གཡུ་འབྲུག་འདྲ་བའི་སྐུ་མགྲོན་རྣམ། གནས་འདི་ལ་ཕེབས་པའི་ཉམས་རེ་དགའ། ཨ་ལ་ཆང་སེར་རོལ། ལག་བཞེས་དཀར་རྨ་བྱ་སྒོ་བཞི་ནས། ཆང་བདུད་རྩི་ཟིལ་མའི་མཆོད་པ་འབུལ། ཞལ་པད་རྨ་རྒྱས་པའི་སྦྲང་ཆར་ཡིན། ལས་རླུང་རྟ་དར་བའི་རྟེན་འབྲེལ་ཡིན། ཨ་ལ་ཆང་སེར་རོལ། ས་སྒ་ལུང་པད་མ་འདབ་བརྒྱད་ལ། མགྲོན་གལ་ཆེན་ཉི་ཟླ་སྐར་གསུམ་ཤར། ནོར་ལོངས་སྤྱོད་ཀླུ་རྒྱལ་གཏེར་ལ་འགྲན། སྐྱིད་འཚོ་བ་དབྱར་གྱི་དཔལ་ཡོན་རྒྱས། ཨ་ལ་ཆང་སེར་རོལ།ཚར